
ཡུ་རོབ་བོད་ཀྱི་དཔེ་མཛོད་ཁང་།
European Tibetan Cultural Library
ཧོར་འཇིགས་དང་རྩོམ་རིག་སྐོར།
སྙན་ངག་པ་གྲགས་ཅན་ཧོར་གཙང་འཇིགས་མེད་མཆོག་གིས་སྙན་ངག་གི་ཕ་ཁྱིམ་ནང་སྤེལ་བའི་གཏམ་བཤད།
“ སྙན་ངག་པ་གྲགས་ཅན་ཧོར་གཙང་འཇིགས་མེད་མཆོག་གིས་སྙན་ངག་གི་ཕ་ཁྱིམ་ནང་སྤེལ་བའི་གཏམ་བཤད། ”སྐོར་ལ་་12 Comments་འདུག
-
# 1 ཨ་ཕྱི་ཆོས་སྒྲོན་ལགས་ཀྱིས་མཆན་བཏབ་པ།:March 3rd, 2014 at 5:54 PM
ཡག་བྱུང་། ཧོར་འཇིགས་ནི་སྙན་ངག་པ་དང་རྩོམ་པ་པོ་ནི་དངོས་རེད། ཉན་འདོད་ཡོད། འབའ་སྲས་དང་ཁ་བརྡ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ།
-
# 2 ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མཆན་བཏབ་པ།:March 3rd, 2014 at 7:01 PM
ཁག་གསུམ་པ་བར་དུ་མ་གཏོགས་ཉན་ཐུབ་མེད། བློ་བསྐྱེད་ཆེན་པོ་བྱུང་སོང་། དེ་མཚུངས་སུ་ང་རང་དངོས་སུ་བརྒྱུད་མྱོང་བའི་བསམ་ཚུལ་གཉིས་བཤད་ཀི་ཡིན། གཅིག སྔོན་བོད་ནང་གི་སློབ་གྲྭ་ཆེན་མོ་ཁག་ཏུ་སྙན་ངག་མེ་ལོང་མ་ཆ་ཚང་ཁྲིད་ཀྱི་ཡོད་པ་རེད། དཔེར་ན། ང་ཚོའི་འཛིན་གྲྭར་ཚངས་སྲས་བཞད་སྒྲ་ཁྲིད་སོང་། ཁྲིད་ཡུན་ལོ་གཅིག་རེད། དེང་སྐབས་གནས་ཀྱི་ཚུལ་གཞན་ལ་འདྲི་མ་མྱོང་། དེ་བས། སྒྲོམ་གཞི་མེད་པར་འདོད་མཁན་དག་གིས་ཀྱང་སྙན་ངག་མེ་ལོང་མ་སྦྱོང་མྱོང་མེད་པ་དེ་འདྲ་མ་རེད། གཉིས། སྙན་ངག་ཡོང་བའི་རྒྱུ་གསུམ་ལས་ལྷག་པའི་ལྷར་དད་པའམ་མཆོད་བསྟོད་བྱེད་པའང་སྙན་ངག་ལ་བྱང་བའི་ཐབས་ལམ་ཞིག་རེད། དཔེར་ན། སྔར་ཕྲན་གྱིས་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་སློབ་སྦྱོང་བྱེད་སྐབས། རྒན་ཆེན་མོ་བཤད་སྒྲུབ་རྒྱ་མཚོ་མཆོག་གིས་ང་ཚོའི་འཛིན་གྲྭར་སྙན་ངག་ཁྲིད་སྐབས་གསུང་དོན། ༼གལ་སྲིད་དབྱངས་ཅན་མའམ་འཇམ་པའི་དབྱངས། ཡང་ན། གཉིས་ཀར་ཉིན་རེར་བསྟོད་པ་ཤོ་ལོ་ཀ་རེ་ཆག་མེད་དུ་འབྲི་ཐུབ་ན། ལོ་གཅིག་ནས་གཉིས་ཀྱི་རྗེས་ནས་སྙན་ངག་རང་བཞིན་གྱིས་ཡོང་གི་རེད། ༽ སྐབས་འདིའི་སྙན་ངག་ནི་སློབ་དེབ་ནང་བཀོད་པའི་མེ་ལོང་མ་ལས་དཔེ་རྒྱན་གཟུགས་རྒྱན་ལྟ་བུ་ལས་མེ་ལོང་མ་ཆ་ཚང་མ་རེད།
-
# 3 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:March 3rd, 2014 at 11:01 PM
་་་་་ ༼གལ་སྲིད་དབྱངས་ཅན་མའམ་འཇམ་པའི་དབྱངས། ཡང་ན། གཉིས་ཀར་ཉིན་རེར་བསྟོད་པ་ཤོ་ལོ་ཀ་རེ་ཆག་མེད་དུ་འབྲི་ཐུབ་ན། ལོ་གཅིག་ནས་གཉིས་ཀྱི་རྗེས་ནས་སྙན་ངག་རང་བཞིན་གྱིས་ཡོང་གི་རེད། ༽་་་་་་་
-
# 4 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:March 4th, 2014 at 12:09 AM
འགོ་ནས་འཁྱུག་ཙམ་ཉན་པ་ཡིན། པདྨ་འབུམ་དང་། ཧོར་གཙང་འཇིགས་མེད་གཉིས་ཀ་ཨ་མདོ་ནས་ཡིན་པ་འདྲ། པད་འབུམ་ལས། ཧོར་འཇིགས་ཀྱི་སྐད་དེ་གོ་སླ་བ་ཡོད་ས་རེད།
-
# 5 གནམ་ལགས་ཀྱིས་མཆན་བཏབ་པ།:March 4th, 2014 at 7:53 AM
སྡེ་ཚན་ལྔ་བའི། འགན་ཁུར་ཡོད་ན། ཆི་ལས་ཡོད་ཀི། མེད་ན། ཆི་ལས་མེད་ཀི། འདི་འདྲའི་སྐད་བརྡ་ཞིག་དེ་རིང་གོ་ཡིན། སྙན་པོ་རེད། ཧ་ཧ་ཧ།
ཨ་མདོ་འདི་ཚོ་ད། ཆུང་དུས་སྔོ་རོ་ཞིག་ལ། ཨ་ཆ་ཨ་ཆ་ཟེར་ནིའི་ཧིན་སྐད་ཤེས་ནི་རེད། ཀུ་ཆེ་ཀུ་ཆེ་ཟེར་ནིའི་དབུས་སྐད་མཁྱེན་ནི་རེད། ཨ་ལོ་ཨ་ལོ་ཟེར་ནིའི་རྒྱ་སྐད་རྒྱག་ནི་རེད།
ད་ཕལ་ཆེར་ཨ་དགའ་འདི་ལོ་ལོན་གི་ཡོད་རྒྱུ་རེད། དབུས་སྐད་ནས་ཨམ་སྐད་ལ་འགྱུར་འདུག། ཧ་ཧ་ཧ། མྱི་རྒས་ན་ཡུལ་དང་བྱ་རྒས་ན་ཚང་། རྩེད་མོ་ཡིན།
ཡིན་སེམས་ལྷག་བསམ་གཅིག་ལ་བཞག་པའི་ཁ་བརྡ་བསླབ་བྱ་དང་གདམས་ངག་ལ་བཀའ་དྲིན་ཞུ། -
# 6 གནམ་ལགས་ཀྱིས་མཆན་བཏབ་པ།:March 4th, 2014 at 7:54 AM
ཡིད་སེམས།
-
# 7 ཆོས་འཕེལ་དར་རྒྱས་ནས་་ལགས་ཀྱིས་མཆན་བཏབ་པ།:March 4th, 2014 at 5:19 PM
ཉན་ཡིན། སྙན་པོ་བྱུང་། བཟང་ན་ངན་ན་སྤྱི་ཚོགས་ཞིག་གི་འགན་ཡུན་གྱིས་མི་ལོ་བཞི་བཅུ་ནས་དྲུག་ཅུའི་བར་ཡོད་པའི་མི་རབ་ཀྱི་ཕྲག་ཁར་སླེབས་ཡོང་བཞིན་པའི་སྐབས་འདིར་མཁས་མི་མཁས་ལ་མ་ལྟོས་བར་འདི་འདྲའི་བསམ་ཚུལ་བརྗོད་པར་བཀའ་དྲིན་ཆེའོ་།
-
# 8 གཡུ་ཐོག་རྒྱལ་པོ།་ལགས་ཀྱིས་མཆན་བཏབ་པ།:March 4th, 2014 at 6:43 PM
ཧོར་གཙང་འཇིགས་མེད་ནི། སྙན་ངག་པ་+མཁས་དབང་།+ལོ་རྒྱུས་སྨྲ་བ=0 འདི་རེད། མདོར་ན། 0+0=0
-
# 9 གནམ་ལགས་ཀྱིས་མཆན་བཏབ་པ།:March 4th, 2014 at 7:29 PM
མགོ་ལ་གཡུ་རྡོ་ཡིས་རྒྱག་སའི་གཡུ་ཐོག་རྒྱལ་པོ་འདིས། ཐ་ན་སྡོམ་རྩིས་ཡག་པ་ཞིག་ལ་བརྒྱབས་ཤེས་མི་འདུག།
ཧོར་གཙང་འཇིགས་མེད་ནི། མཁས་བ+སྙན་ངག་པ་+ལོ་རྒྱུས་བ+ ཚོང་བ+ ཆབ་སྲིད་པ+གཞུང་ཞབས་ཟུར་བ+གྲྭ་བ་ཟུར་བ+འཁོར་འཛིན་པ+བུ་ཕྲུག་ཅན=ཕོ་ཁྱོ་ག་ཟེར་བ་དེ་རེད། མདོར་ན། 11.1+11.1+11.1+11.1+11.1+11.1+11.1+11.1+11.1+=99.9
ཁྱེད་རང་ལ་སྡོམ་རྩིས་འདིའི་ནང་ནས་སྐར་ཆ་ག་ཚོད་ཞིག་ཐོབ་ཡོད་པ་ཤེས་ན། དེ་ནས། འོད་མེད་ས་ཞིག་ནས། དངན་པ་རིང་བོ་རེ་འཐེན་ནས་འདུག་རྒྱུ་ལས་ལྷག་མེད་པ་ཤེས་ནི་རེད། ཧ་ཧ་ཧ། -
# 10 གཡུ་ཐོག་རྒྱལ་པོ།་ལགས་ཀྱིས་མཆན་བཏབ་པ།:March 5th, 2014 at 12:43 AM
ཨ་ཙི། གནམ་ཟེར་བ་དེས་ཀླད་ཀོར་གྱི་དོན་ཡང་གོ་གི་མེད་པ་འདྲ། ཀླད་ཀོར་དེ་མིང་ཙམ་རེད། དོན་དུ་སྟོང་པ་རེད། ཀླད་ཀོར་གཅིག་གི་སྟེང་དུ་ཀླད་ཀོར་བརྒྱ་བསྣན་ཀྱང་ཀླད་ཀོར་རང་རེད་མ་གཏོགས་གཞན་གང་ཡང་མ་རེད། དྲང་པོར་བཤད་ན། ཁྱོད་རང་གི་གོང་དུ་བརྗོད་པའི་ཐ་སྙད་དེ་དག་གི་གོ་དོན་ཇི་བཞིན་ཤེས་ཀྱི་ཨེ་ཡོད། ཁཽ་ལ་དེ་ལྟ་བུའི་ཁྱད་ཆོས་ཡོད་ན། ཁོ་བཙན་བྱོལ་ནང་གི་བོད་པའི་སྤྱི་ཚོགས་ཁྲོད་དེ་འདྲའི་མི་སྙོག་ཁྲ་ཅན་ཞིག་གང་འདྲ་སེ་ཆགས་པ་རེད་དམ། ཨ་རོ། ཞེན་ཁོག་གི་སྐད་ཆ་མ་བཤད་པར་དོན་ལ་སོམས། ཧོར་འཇིགས་ལ་ཡོད་པ་དེ། ཆོལ་ཁའི་འཐེན་འཁྱེར། ཆོས་ལུགས་ཀྱི་འཐེན་ཁྱེར་སོགས་ལས་ཅང་མེད་པ་རེད། བྱས་ཙང་ཁོ་པ་ད་ཅ་ད་ཕྲུག་ཏུ་ལུས་པ་རེད།
-
# 11 འབའ་སྲས།་ལགས་ཀྱིས་མཆན་བཏབ་པ།:March 5th, 2014 at 3:17 AM
རང་གིས་ཅི་ཡང་མི་ནུས་ཀྱང་།། གཞན་གྱིས་བྱས་ལ་མི་བཟོད་པ།། ཕྲག་དོག་སྙིང་གི་འཕར་རྩ་ཅན།། དུད་འགྲོའི་གྲས་སུ་བསྐྲད་ན་འོས།།
-
# 12 ཁ་བའི་རྒྱང་ཕྲུག་ལགས་ཀྱིས་མཆན་བཏབ་པ།:September 25th, 2014 at 12:18 AM
སྙན་ངག་པ་ཧོར་གཙང་འཇིགས་མེད་ལགས་ཀྱི་སྙན་ངག་དང་འབྲེལ་བའི་གཏམ་བཤད་དེ་ཉན་རྒྱུ་འཕྱི་སོང་ཡང་། གོ་རྒྱུ་ཆེན་པོ་འདུག ཁོང་གིས་བརྩམས་པའི་༼མདོ་སྨད་ལོ་རྒྱུས་ཆེན་མོར༽ བསྙད་བཏགས་ནས་འགའ་ཞིག་གིས་ཁོང་ལ་ཕྱོགས་ལྷུང་པ་དང་། འཐེན་འཁྱེར་བ་ཞེས་གློ་སྙིང་ཚལ་བར་གཤགས་པའི་ངན་ཚིག་བརྗོད་གང་ཐུབ་བྱས་པ་རེད། གཞན་གྱི་བྱས་རྗེས་ལ་སྙིང་ན་བའི་འཆལ་གཏམ་རིགས་ཀྱིས་རྩོམ་པ་པོ་སྒེར་ལ་ཐུགས་ཕམ་བཟོ་མིན་མི་ཤེས་ཀྱང་། མིའི་རིགས་ཀྱི་བཟང་སྤྱོད་ལ་དོ་ཕོག་འགྲོ་བས་ཚང་མས་སྤྱི་ཚོགས་ལ་འགན་ཁུར་གནང་རོགས། ཧོར་གཙང་འཇིགས་མེད་སྐོར་ལ་ཆ་རྒྱུས་མེད་མཁན་ཞིག་ཡིན་ན་སྔོན་དང་པོ་ཁྱེད་ཀྱིས་སྐར་ཁུང་དྲ་བའི་ནང་གི་བཅར་འདྲི་ ༼ འདི་འདྲ་མི་ཚེའི་ནང་སྔར་ཡང་བྱུང་མ་མྱོང་ལ་ཕྱིས་སུའང་འབྱུང་ཁག་པོ་ཡིན ༽ ཞེས་པར་གཟིགས་དང་རྩོམ་པ་པོའི་བསམ་སྤྱོད་ཀྱི་ཟུར་ཅིག་མངོན་ཐུབ། ཁ་དྲོ།
མཆན་ཞོགས།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་འགོག་བྱེད་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན། མཆན་འབྲི་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས། ཁྱེད་ཀྱིས་མིང་དང་གློག་འཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་གྱིས་དྲ་དེབ་ཏུ་འཁོད་འགྲོ་བ་བཅས་དགོངས་འཇགས་ཞུ།